Lobsang Delek - Dho la Tra Mo şarkı sözleri
Sanatçı:
Lobsang Delek
albüm: Tenzin Dolma Returns
རང་ཡུལ་ཁྲུང་ཁྲུང་དཀར་མོ།
སེམས་པ་སྐྱོ་བར་མ་གནང་།
དཀར་གསལ་ཟླ་བ་ལྷ་མོ།
ཤར་ཡ་མི་འདུག་མ་བསམ།
ཨ་ལ་ མ་བསམ་བསམ།
ཨ་ལ ་མ་བསམ་བསམ།
ལྷོ་འཛམ་བུ་གླིང་ལ་ཤར་བ།
རྟེན་འབྲེལ་བཟང་པོ་རེད་ཡ།
ཨ་ལ་ནི རྡོ་ལ་ཁྲ་མོ།
ཨ་ལ་ནི་ རྡོ་ལ་ཁྲ་མོ།
ཁ་བའི་ལྗོངས་སུ་མགྱོགས་ནས།
ཨ་ལ་ཤར་ཡོང་།
དགུན་འཁྱགས་ལྷགས་པའི་གསེབ་ལ།
སེམས་པ་སྐྱོ་བར་མ་གནང་།
དྲོ་སྐྱིད་ཉི་མའི་འོད་ཟེར།
ཤར་ཡ་མི་འདུག་མ་བསམ།
ཨ་ལ མ་བསམ་བསམ།
ཨ་ལ མ་བསམ་བསམ།
དགུང་ཨ་སྔོན་དབྱིངས་ལ་ཤར་བར།
རྟེན་འབྲེལ་བཟང་པོ་རེད་ཡ།
ཨ་ལ་ནི རྡོ་ལ་ཁྲ་མོ།
ཨ་ལ་ནི རྡོ་ལ་ཁྲ་མོ།
གངས་རིའི་ལྗོངས་སུ་མགྱོགས་ནས།
ཨ་ལ་ཤར་ཡོང་།
ཐག་རིང་ང་ཡི་སྤུན་ཟླ།
ཐུགས་སེམས་སྐྱོ་བར་མ་གནང་།
རང་དབང་གངས་ལྷ་མེ་ཏོག།
བཞད་ཡ་མི་འདུག་མ་བསམ །
ཨ་ལ་ མ་བསམ་བསམ།
ཨ་ལ མ་བསམ་བསམ།
འཛམ་གླིང་མི་མང་རྒྱབ་ལ་ཡོད་པར།
རྟེན་འབྲེལ་བཟང་པོ་རེད་ཡ།
ཨ་ལ་ནི རྡོ་ལ་ཁྲ་མོ།
ཨ་ལ་ནི རྡོ་ལ་ཁྲ་མོ།
ཕ་ཡུལ་བོད་ལ་མགྱོཊ་ནས།
ཨ་ལ་བཞད་ཡོང་།
རང་ཡུལ་ཁྲུང་ཁྲུང་དཀར་མོ།
སེམས་པ་སྐྱོ་བར་མ་གནང་།
དཀར་གསལ་ཟླ་བ་ལྷ་མོ།
ཤར་ཡ་མི་འདུག་མ་བསམ།
ཨ་ལ་ མ་བསམ་བསམ།
ཨ་ལ་ མ་བསམ་བསམ།
ལྷོ་འཛམ་བུ་གླིང་ལ་ཤར་བ།
རྟེན་འབྲེལ་བཟང་པོ་རེད་ཡ།
ཨ་ལ་ནི རྡོ་ལ་ཁྲ་མོ།
ཨ་ལ་ནི རྡོ་ལ་ཁྲ་མོ།
ཁ་བའི་ལྗོངས་སུ་མགྱོགས་ནས།
ཨ་ལ་ཤར་ཡོང་།
ཨ་ལ་ནི རྡོ་ལ་ཁྲ་མོ།
ཨ་ལ་ནི རྡོ་ལ་ཁྲ་མོ།
ཁ་བའི་ལྗོངས་སུ་མགྱོགས་ནས།
ཨ་ལ་ཤར་ཡོང་།
Поcмотреть все песни артиста
Sanatçının diğer albümleri